[262A] །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེའི་སྒྲའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་སྔགས་ཤེས་པའི་སྔགས་པ་དེས། བརྫུན་རྣམ་པ་ཐམས་ཅད་དུ་སྤང་བར་ བྱའོ༑ །དང་པོར་དུས་བཞི་ཁ་དག་པར་བཀྲུས་ཏེ། ཤིན་ཏུ་གནས་དབེན་པར་བྲིས་སྐུ་ལ་སོགས་པའི་ཐད་དུ་དཀྱིལ་འཁོར་བྱས་ཏེ། མཆོད་པ་མང་པོ་ཕུལ་ལ་སྟན་བདེ་བ་ལ་འདུག་སྟེ། ཚད་མེད་པ་བཞི་བསྒོམ་མོ། །དེ་ནས་བདག་གི་སྙིང་གར་ཙཾ་ལས་ཟླ་བར་གྱུར་པའི་ཧྲཱིདྐར་པོ་བསམས་ པའི་འོད་ཀྱིས་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསལ་བར་སྣང་བར་བྱས་ལ། ཡང་དེའི་འོད་འཕྲོས་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་ལ་ཕྱག་བྱས་ཏེ། སྡིག་པ་བཤགས་ཤིང་རྗེས་སུ་ཡི་རང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཏེ། རྒྱལ་ བའི་ལམ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འོད་སླར་འདུས་པས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱསརྦ་དྷརྨཱས་བྷཱ་ཝ་ཤུདྡྷོཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱན་བཛྲས་བྷཱ་ཝ་ཨཱཏྨ་ཀོཧཾ། ཞེས་བརྗོད་དོ། །དེ་ནས་མྱུར་དུ་པཾ་ལས་པདྨ་དམར་པོར་ཨ་ལས་གྱུར་པའི་སེང་གེའི་གདན་གྱི་ སྟེང་དུ་ཙཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་ཧྲཱིལས་སེང་གེའི་སྒྲ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་དབུ་སྐྲའི་ཅོད་པན་ཅན་དང། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། སྤྱན་གསུམ་པ། ཕྱེད་སྐྱིལ་དུ་རྒྱལ་པོ་ཆེན་པོའི་བཞུགས་ཐབས་སུ་བཞུགས་པ། ཕྱག་གཡོན་གྱི་ཕྱག་མཐིལ་ས་ལ་སྦྱར་ [262B] དེའི་ངོས་སུ་གཞན་ཡང་བྷནྡྷ་དཀར་པོ་དྲི་ཞིམ་པའི་མེ་ཏོག་སྣ་ཚོགས་ཀྱིས་བཀང་བའི་པདྨའི་ཡུ་བ་ཅན་ཡོད་པ་དང། ཕྱག་གཡས་པ་པུས་མོ་ལ་བརྟེན་ཏེ་བརྐྱང་པ་ལ་བརྟེན་པར་ཏྲི་ཤཱུ་ལ་སྦྲུལ་དཀར་པོས་དཀྲིས་པ་ཡོད་ཅིང་ བསམ་གཏན་མཛད་པའི་ཚུལ་ཅན་དབུའི་ཐད་ཀ་ནས་རིགས་ལྔའི་སངས་རྒྱས་འཕྲོ་བ་བསྒོམས་ལ། སྙིང་གའི་ཟླ་བར་ཧྲཱིབྶམྶ་པ་ཛཧཱུཾ་གིས་ཡེ་ཤེས་སེམས་དཔའ་བཀུག་སྟེ། བཾ་གྱིས་དབང་དུ་བྱས་ནས་ཧོས་དགྱེས་པ་བསྐྱེད་པར་བསམ་མོ། །དེ་ནས་འཛབ་ནི་ཨོཾ་ཨཱཧྲཱིསིཾ་ཧ་ནཱ་ད་ཧཱུཾ་ཕཊ། སེང་གེ་སྒྲའི་སྒྲུབ་ ཐབས་རྫོགས་སོ།།